གཉའ་ཁྲི་བཙན་པོ།
༨༥༽ གཙང་བོར་ཤིང་ཟམ་བཙུགས་ཏེ་འགྲིམ་འགྲུལ་སྟབས་བདེ་བཟོས་པ་སོགས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ལ་ཕྱག་རྗེས་ཆེན་པོ་བཞག་པས། འཕྲུལ་བློན་མཛངས་མི་ཞེས་གྲགས་ཏེ། མཛངས་བློན་བདུན་གྱི་ཐོག་མར་གྱུར།
༨༦༽ བློན་པོ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་གྱིས་ཀྱང༌། ཞིང་ཆུ་མའི་རྨོ་འདེབས་དང༌། ཞིང་གི་ཆེ་ཆུང་བརྩིས་ནས་ཞིང་ཁྲལ་བསྡུས། མོ་ཕྱུགས་ཀྱི་གྲངས་ཚད་བརྩིས་ནས་འབྲོག་ཁྲལ་བསྡུ་སྲོལ་སོགས་གསར་གཏོད་བྱས་པས། འཕྲུལ་བློན་མཛངས་མི་གཉིས་པར་གྲགས།